熟读羌塘 - 索普布卓玛.mp3

熟读羌塘 - 索普布卓玛.mp3
[00:00.000] 作词 : 索普布卓玛 [0...
[00:00.000] 作词 : 索普布卓玛
[00:00.765] 作曲 : 索普布卓玛
[00:01.530] 编曲 : 索普布卓玛
[00:02.297]བྱང་ཐང་མི་འདྲིས་ས་འདྲིས།
[00:09.414]གཞས་ཚིག     ཕུར་བཟང་རྡོ་རྗེ།
[00:12.793]གཞས་གདངས   ཕུར་བཟང་རྡོ་རྗེ།
[00:16.570]གཞས་མ།    སོག• ཕུར་བུ་སྒྲོལ་མ།   སོག• ཀུན་བཟང་དབང་མོ།
[00:31.776]གནམ་ཨ་སྔོན་ཁ་ཞིང་ཆེ་ས་ཞིག།
[00:39.063]བྱ་རྒོད་པོ་ནམ་འཕང་བསྐྱོད་ས་ཞིག།
[00:44.621]ས་དོག་མོ་བདེ་ཡངས་འཁྱིལ་ས་ཞིག།
[00:52.046]ཕ་འབྲོག་པའི་ལྷས་རྭ་བཞེངས་ས་ཞིག།
[01:01.338]དབྱར་སྤང་ལྗོངས་མེ་ཏོག་མང་ས་ཞིག།
[01:08.617]ཕྱུག་རྟ་ནོར་འཕེལ་ཁ་དར་ས་ཞིག།
[01:14.616]དགུན་ཁ་བའི་མལ་གོས་འཇམ་ས་ཞིག།
[01:21.717]ཐབ་སྒོ་བཞིའི་མེ་དཔུང་དམར་ས་ཞིག།
[01:34.471]ཡུལ་བྱང་ཐང་ནག་ཆུ་མི་འདྲིས་ས་འདྲིས་ན།།
[01:53.058]ས་སྡུག་མོ་མ་ཡིན་སྐྱིད་གཅིག་ཡོད།།
[01:58.870]གནས་བྱང་ཐང་རང་གཤིས་རང་གཤིས་ཤེས་སོང་ན།།
[02:04.596]ལས་དཀའ་སྡུག་ཟེར་བའི་འགྱོད་གཅིག་གང་ན་ཡོད།
[02:15.475](ས་ལ་མ་འདྲིས་བྱང་ཐང་སྐྱ་མོ་རེད།།
[02:36.093]འདྲིས་ཚར་ན་རང་གི་ཕ་ཡུལ་རེད།།
[03:12.306]ཟས་སྣ་མང་འཚོ་བཅུད་འཛོམས་ས་ཞིག།
[03:19.804]འབྲོག་ཤ་མར་འོ་མ་ཞིམ་ས་ཞིག།
[03:25.342]གོས་བརྒྱན་མང་དྲོ་སྐྱིད་ལྡན་ས་ཞིག།
[03:32.708]ཕྱུགས་དཀར་ནག་བལ་ལོ་འཇམ་ས་ཞིག།
[03:41.909]ཚིག་དྭངས་མོའི་གསལ་ཁ་བདེ་ས་ཞིག།
[03:49.328]ཕ་འབྲོག་པའི་འབོད་པ་གོ་ས་ཞིག།
[03:54.872]ངག་འཇམ་མོའི་སེམས་ཁ་སྐོང་ས་ཞིག།
[04:01.976]མ་བཞོ་ཟུང་དབྱངས་སྙན་འཐེན་ས་ཞིག།
[04:15.028]ཡུལ་བྱང་ཐང་ནག་ཆུ་མི་འདྲིས་ས་འདྲིས་ན།།
[04:40.089]གནས་བྱང་ཐང་མི་གཤིས་མི་གཤིས་ཤེས་སོང་ན།།
[04:44.651]བདེན་དྲང་པོའི་གཞུང་བཟང་ཟེར་ན་དེ་ལ་ཡོད།།
展开