PRADA - 德吉老爷.mp3

PRADA - 德吉老爷.mp3
[00:00.000] 作词 : 德吉老爷/博吉 ...
[00:00.000] 作词 : 德吉老爷/博吉
[00:01.000] 作曲 : 德吉老爷
[00:02.000] 编曲 : 德吉老爷
[00:16.799]ཕ་ཁུ་ཕུ་ནུ་ཚང་མ་གྲ་མ་འཛོམས་གདའ།
[00:18.488]མ་དང་སྲུ་མོ་ཚོགས་ནས་གྲོ་མ་བཙོས་གདའ།
[00:20.407]ཚང་མ་དགའ་གདའ།
[00:20.878]སྣང་བ་དྭངས་གདའ།
[00:21.807]དགའ་དགའ་སྤྲོ་སྤྲོ་དེ་རིང་མཉམ་དུ་འཛོམས་གདའ།
[00:23.629]དེ་རིང་བཀྲ་ཤིས་པའི་ཉིན།
[00:24.441]དེ་རིང་དོན་འགྲུབ་པའི་ཉིན།
[00:25.354]དེ་རིང་གཟའ་དང་སྐར་མ་ཚང་མ་འགྲིག་སོང་བའི་ཉིན།
[00:27.337]ངས་ཕེབས་ཁྲི་རྟགས་ཅན་གསར་པ་དེ་བསྐོར་ནས།
[00:28.303]ཡར་འགྲོ་མར་འགྲོ་ཞིག་བྱེད།
[00:29.420]སྤུན་གྲོགས་འདིང་ཅན་རྙིང་པ་དེ་བོས་ནས།
[00:30.505]ས་གཡེང་རྡོ་གཡེང་ཞིག་བྱེད།
[00:31.791]འགན་འཁྲི་མེད་པའི་རྣམ་པ་བསྟན་ནས།
[00:33.037]ལ་བཤད་ལུང་བཤད་ཅིག་བྱེད།
[00:34.481]སྤུན་ཟླ་ཚོ། ཆེ་ལ་ལ།
[00:35.386]ལུས་ལ་གྱོན་པའི་གོས་དེ་ནི་PURADA
[00:38.163]ཁམས་སྣང་བ། དྭངས་ལ་ལ།
[00:39.072]ཁ་ལ་ལེན་པའི་གླུ་དེ་ནི་ཨ་ལ་ལ།
[00:42.755]སེམས་བསམ་པ། བཟང་ལ་ལ།
[00:43.610]ལ་དང་ལུང་པ་གར་སོང་རུང་ཕོ་ལྷ་དར།
[00:48.182]ཅི་ཡང་བསམ་མི་དགོས་པ། རེད།
[00:49.059]བདམས་པའི་ལམ་ཁ་དེ་བསྐྱུར་མི་དགོས་པ། རེད།
[00:50.733]རི་ལམ་དོག་ན་ཡང་སྐྲག་མི་དགོས་པ། རེད།
[00:52.164]རི་མཐོ་ལུང་གཟར་ཡིན་ཡང་འཇིགས་མི་དགོས་པ། རེད།
[00:54.806]ཀི་བསྭོ་མཆོད། མཆོད་པའི་ལས། ལས་མི་སླུ།
[00:55.698]རླུང་རྟ་བསྟོད། བསྟོད་པའི་གནས། གནས་མི་འགྱུར།
[00:57.057]ལྷ་རྒྱལ་འབོད། འབོད་པའི་སྒྲས། སྒྲས་མི་སུན།
[00:58.554]ལྷ་བསངས་གཏོང་། གཏོང་པའི་རྫས། རྫས་མི་གནོལ།
[00:59.991]ཕོ་ལྷ་དགྲ་ལྷས། ཁ་འཛིན་མཛོད།
[01:01.043]ཕ་མེས་གོང་མས། ཁ་ཕྱོགས་སྟོན།
[01:01.979]དཀར་ཕྱོགས་སྐྱོང་།
[01:02.423]མཛའ་ཕྱོགས་སྲུང་།
[01:02.923]ཡོ་ཕྱོགས་སྲོང་།
[01:03.906]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[01:07.358]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[01:11.692]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[01:15.601]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[01:42.471]ང་ཚོ་ཚང་མས་ལོ་རྙིང་པ། ལམ་རྙིང་པ། ལས་རྙིང་པ། ཟས་རྙིང་པ། གོས་རྙིང་པ། གཏམ་རྒྱུད་རྙིང་པ་བརྒྱབ་ལ་བསྐྱུར།
[01:47.093]ང་ཚོ་ཚང་མས་ལོ་གསར་པ། ལམ་གསར་པ། ལས་གསར་པ། ཟས་གསར་པ། གོས་གསར་པ། འགོ་འཛུགས་གསར་པ། རེ་བ་གསར་པ་མདུན་ལ་བསུ།
[01:51.635]ད་ལོ་འདས་པའི་དུས་དེ་ལ།
[01:52.421]དགའ་ལེ་སྡུག་ལེ་མང་པོ་མྱོང་ཡང་།
[01:54.285]ཁེ་ལེ་ཕམ་ལེ་མང་པོ་རག་ཀྱང་།
[01:55.974]འདས་པའི་དོན་དུ་ཕྱིར་མིག་དོང་ལ་འཕེན་དགོས་དོན་མི་འདུག
[01:58.565]དགའ་བའི་ལས་དེ་ལག་པར་ལེན་དུས།
[02:00.495]རང་གི་སྣ་ཐག་མྱི་ལ་མ་ཤོར།
[02:01.677]བདམས་པའི་ལམ་དུ་གོམ་པ་སྤོ་དུས།
[02:03.207]ཐོག་མའི་དམ་ཚིག་ཆུ་ལ་མ་སྐུར།
[02:03.525]དྲན་པའི་མི་དེའི་འགྲམ་ལ་ཡོད་དུས།
[02:06.940]སྔ་མའི་ལས་འཕྲོ་རྡོ་ལ་མ་རྒྱག
[02:08.679]ཨ་མ་ཆུང་མ་སྐྱོང་བའི་འགན་འཁྲི་ཕྲག་ལ་ལེན་བཞིན།
[02:11.371]ཨ་ཕ་བྱིས་པ་གསོ་བའི་ལས་ཀ་ལག་ལ་ཡོད་བཞིན།
[02:14.241]རང་ཉིད་འཚོལ་བའི་ལམ་ལ་འགྲོ་བཞིན་པའི་ཕལ་བའི་མི།
[02:17.364]རང་འགོ་འདོན་པའི་ལས་ལ་འབད་ཀྱིན་པའི་ཕ་བཟང་བུ།
[02:19.656]འཚོ་བའི་ས་རྡོའི་གསེང་ནས།
[02:21.036]རང་གཤིས་གསེར་གྱི་བྱེ་མ་བཙག།
[02:22.344]འཁོར་བ་ཁབ་ཀྱི་རྩེ་ནས།
[02:23.637]བདེ་སྐྱིད་ཉི་མའི་དྲོད་ཐིག་བཙལ།
[02:25.303]སྤུན་ཟླ་ཚོ། ཆེ་ལ་ལ།
[02:27.245]ལུས་ལ་གྱོན་པའི་གོས་དེ་ནི་PURADA
[02:29.521]ཁམས་སྣང་བ། དྭངས་ལ་ལ།
[02:31.068]ཁ་ལ་ལེན་པའི་གླུ་དེ་ནི་ཨ་ལ་ལ།
[02:33.209]སེམས་བསམ་པ། བཟང་ལ་ལ།
[02:36.709]ལ་དང་ལུང་པ་གར་སོང་རུང་ཕོ་ལྷ་དར།
[02:37.333]གཞོན་པ་ཁྱོད་ལ་གཤོག་པ་ལྷག་མ་སྐྱེ།
[02:39.571]རྒན་པ་ཁོང་ལ་རྐང་པ་གསར་པ་ཐོགས།
[02:41.663]མཁས་པ་ཚོ་ལ་གློག་གི་ཀླད་པ་དོད།
[02:43.591]ཆོས་པ་རྣམས་ལ་དུས་ཀྱི་རྟོགས་པ་སད།
[02:45.494]སྐྱེས་པ་རྣམས་ལ་གེ་སར་སྤོབས་པ་རྙེད།
[02:47.470]མཛེས་མ་ཚོ་ནི་འབྲུག་མོ་འདྲ།
[02:49.073]ཆུང་མ་མོ་ལ་བྱུ་རུའི་ཞགས་པ་ཐོབ།
[02:51.430]མཛེས་མ་ཚོ་ལ་འབྲུག་མོའི་ལྤགས་པ་འབུད།
[02:52.934]ཚོང་པ་དག་ལ་གསེར་གྱི་ཐག་པ་འབྱར།
[02:53.573]འབྲོག་པ་ཚོ་ལ་འོ་མའི་ཆར་པ་འབབ།
[02:55.075]ཞིང་པ་རྣམས་ལ་གསེར་གྱི་སྙེ་མ་འབུས།
[02:56.717]རྣམ་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
[02:58.359]ཁ་རྗེ་རླུང་གཡུག་གཡུག་ཡོང་རེད།
[02:59.374]དབང་ཐང་རི་མཐོ་མཐོ་ཡོང་རེད།
[03:00.326]བསོད་ནམས་མྱེ་འབར་འབར་ཡོང་རེད།
[03:01.254]ལམ་འགྲོ་ཆུ་རྒྱུགས་རྒྱུགས་ཡོང་རེད།
[03:02.190]ད་ལོ་ལོ་ལ། ཕོ་ལྷ་དར།
[03:06.023]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[03:13.046]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[03:20.855]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
[03:28.417]དེ་རིང་ངས་གཞས་ཞིག་གཏོང་པ་ཡིན་པས་མཉམ་དུ་གཏོང་རོགས་གནང་།
展开