神骏天马行空 - 贡去乎加布.mp3

神骏天马行空 - 贡去乎加布.mp3
[00:00.000] 作曲 : 贡去乎加布 [0...
[00:00.000] 作曲 : 贡去乎加布
[00:12.031]ལྷ་རྟ་རྐྱང་རྒོད་གཡེར་བ།
[00:14.008]ཚིག སྒར་གསར་ཀིརྟི་སྐྱབས།
[00:15.138]དབྱངས:དཀོན་མཆོག་སྐྱབས།
[00:27.232]ལེན་མཁན:དཀོན་མཆོག་སྐྱབས།
[00:28.006]
[00:28.629]ཁྱུང་གི་སྒོ་ང་ལས་སྐྱེས་པའི་རི་དྭགས་གཤོག་ཐོགས།
[00:37.410]ལྷ་ཡི་ཐུགས་ཀ་ལས་འཁྲུངས་བའི་གཡང་གི་ཕོ་ཉ།
[00:44.782]ཉི་ཟླ་སྒ་ཆས་སུ་སྤྲས་པའི་ལྷོ་སྤྲིན་དམར་པོ།
[00:53.378]གླིང་ཇོ་རུའི་དཔའ་ཡ་དཔུང་རོགས།
[00:59.584]སྨན་འབྲུག་མོའི་དྲན་ཤིང་འཇོག་ས།
[01:00.930]ལྷ་རྟ་རྐྱང་རྒོད་གཡེར་བ། ལྷ་རྟ་རྐྱང་རྒོད་གཡེར་བ།
[01:08.043]
[01:22.652]གནམ་ས་ཁོབ་ཀྱིས་གཞལ་བའི་མཉམ་སྒྲོག་གི་རོལ་མོ།
[01:32.669]བང་ཁ་རྩལ་གྱིས་རྫོགས་པའི་གློག་ཞགས་ཀྱི་སྟངས་སྟབས།
[01:39.936]ཆུ་ཀློང་རྐྱལ་གྱིས་ཆོད་པའི་རླུང་ནང་གི་གཡོར་གྲུ
[01:49.671]དྲིན་ཕ་མའི་རྒྱབ་རི་སྨུག་པོ།
[01:52.765]བུ་ཚ་བོའི་སེམས་རྩ་གཏོད་ས།
[01:56.178]ལྷ་རྟ་རྐྱང་རྒོད་གཡེར་བ། ལྷ་རྟ་རྐྱང་རྒོད་གཡེར་བ།
[02:02.044]
[02:17.767]ནམ་མཁའི་མཐོངས་སུ་འཁྱུག་པའི་གཡུ་འབྲུག་སྔོན་པོ་ཁྱོད།
[02:26.104]གངས་རིའི་ཁོང་གསེང་བསྙེགས་པའི་སེང་གེ་དཀར་མོ་ཁྱོད།
[02:35.760]གནའ་བོའི་སྤང་ཐང་བརྒལ་བའི་བྲེ་སེར་འབྲོང་རྒོད་ཁྱོད།
[02:45.174]སྟག་ཤ་རའི་ཇག་སྒོ་འབྱེད་བྱེད།
[02:47.546]མ་བུ་མོའི་གནས་ལམ་བཏོད་བྱེད།
[02:51.418]ལྷ་རྟ་རྐྱང་རྒོད་གཡེར་བ། ལྷ་རྟ་རྐྱང་རྒོད་གཡེར་བ
展开