渡余生 - 索南曲珍/旦正.mp3

渡余生 - 索南曲珍/旦正.mp3
[00:00.000] 作词 : 色须·热萨 [0...
[00:00.000] 作词 : 色须·热萨
[00:00.294] 作曲 : 旦增才让
[00:00.588]མི་ཚེའི་ལམ་འཕྲང་།
[00:02.359]ཚིགསེར་ཤུལ་རབ་གསལ།
[00:04.191]དབྱངསབསྟན་འཛིན་ཚེ་རིང་།
[00:06.423]ལེན་མཁན། བསོད་ནམས་ཆོས་སྒྲོནརྟ་མགྲིན།
[00:09.576]གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
[00:16.083]
[00:28.650]རྫ་རྒྱུད་ཕྱུག་མོའི་འགྲམ་གྱི།།
[00:31.534]སྨན་ཤར་ལང་ཚོ་ཅན་དེ།།
[00:36.232]འཛུམ་ན་དབྱངས་ཅན་བཞད་འདྲ།།
[00:39.485]ཕེབས་ན་ལྷ་མོ་བྱོན་འདྲ།།
[00:44.106]སེམས་ཀྱི་བུ་མོ་ཁྱེད་ལ།།
[00:47.318]ཚིག་གི་མེ་ཏོག་བསྐུར་ཡོད།།
[00:51.827]ལམ་ཐག་རིང་ཐུང་བར་ནས།།
[00:55.018]འཛོམས་པའི་སྐལ་བ་ཡོད་ན།།
[00:59.880]སེམས་ལ་མཐུན་པོ་བྱུང་ནས།།
[01:03.332]བརྩེ་བའི་གཞས་ཤིག་ལེན་རོགས།།
[01:15.647]
[01:41.005]ཡ་རབས་ཀུན་དང་མཐུན་པའི།།
[01:44.237]སྟག་ཤར་དགྲ་ལྷ་ཅན་དེ།།
[01:48.811]འདྲིས་ན་ཕྱི་ཐག་རིང་བ།།
[01:51.983]འགྲོག་ན་ངང་རྒྱུད་དྲང་བ།།
[01:56.770]ཡིད་མཐུན་བུ་ཆུང་ཁྱེད་ལ།།
[02:00.049]ཞེ་འདང་གླུ་རུ་བླངས་ཡོད།།
[02:04.531]ལས་དབང་ཡོད་མེད་བར་ནས།།
[02:07.753]འཛོམས་པའི་སྐལ་བ་ཡོད་ན།།
[02:12.565]སེམས་པ་མཐུན་པོ་བྱུང་ནས།།
[02:15.831]འཕྲིན་ལ་འཕྲིན་ལན་བསྐུར་ཡོང་།།
[02:28.319]
[02:53.857]མི་ཚེའི་ལམ་འཕྲང་རྒལ་དུས།།
[02:56.859]འགྲོ་རོགས་ཡོད་ན་བསམ་བྱུང་།།
[03:01.471]སེམས་ཀྱི་ཁ་ཕྱོགས་མཐུན་པ།།
[03:04.777]ཨ་གསར་ཆེ་བ་མ་རེད།།
[03:09.557]དྲན་གདུང་མེད་པ་མ་རེད།།
[03:12.758]མཇལ་འཛོམས་ལས་ཀྱི་ས་བོན།
[03:17.382]སྐལ་བཟང་དུས་ལ་སྨིན་དུས།།
[03:20.598]དགའ་སྐྱིད་དགོད་སྒྲས་གང་བའི།།
[03:25.420]གཡང་ཁྱིམ་གྲུ་བཞིའི་ཕྱི་ནང་།།
[03:28.495]མཉམ་དུ་སྐྱོང་ན་ལོས་ཆོག།
展开