至诚礼赞 - 索普布卓玛.mp3
能正常播放的歌曲才可以下载
[00:00.000] 作词 : 佐孜杰仲仁波切[00:01.000] 作曲 : 林周民歌[00:02.000] 编曲 : 民间[00:03.938]༄༅། །ཆེད་དུ་བསྟོད་ཅིང་བཀུར་ཏེ་བསྔགས་པ།[00:10.489]ཚིག །སྐྱབས་རྗེ་མཛོ་རྫི་རྗེ་དྲུང་རིན་པོ་ཆེ།[00:13.774]དབྱངས། འཕན་པོའི་དམངས་གཞས།[00:16.120]ལེན་མཁན། སོག༽ ཕུར་བུ་སྒྲོལ་མ།[00:19.882][00:22.897]སྲིད་ཞི་མཉམ་པའི་ཆོས་སྐུ་ཁྱབ་གདལ་ངང་།།[00:33.442]མ་བཅོས་ལྷུན་རྫོགས་སྐུ་གསུམ་འདུ་འབྲལ་མེད།།[00:42.405]བྱང་ཆུབ་སེམས་ཀྱི་རང་གཟུགས་རྩལ་རྫོགས་པའི།།[00:52.483]ལྷན་སྐྱེས་རང་སར་གྲོལ་དེས་ཤིས་པ་སྩོལ།།[01:02.707][01:03.399]རྩ་ཐིག་ལྷུག་འཇོག་ཌཱཀྐིའི་སྙིང་ཁྲག་རོལ།།[01:11.093]ཁ་སྦྱོར་བདུན་ལྡན་སྒྲ་སྒྱུར་མར་པ་ཡི།།[01:22.873]ཕྱི་ནང་གསང་གསུམ་སྐུ་གསུམ་བཞེངས་པའི་གནས།།[01:33.229]ཉམས་མེད་སྐྱོང་མཛད་གྲུ༵བ་རྗེ༵་གང་དེར་བསྟོ༷ད།།[01:40.958][02:03.265]མན་ངག་ཟབ་མོས་སྣང་སྲིད་གདམས་པར་སྟོན།།[02:13.845]མཐའ་དྲུག་ཚུལ་བཞི་བྱང་ཆུབ་མར་པ་རྗེའི།།[02:23.709]གསུང་གི་མཛད་པ་ཕྱོགས་བཅུར་སྤེལ་མཛད་པའི།།[02:33.427]གསལ་བྱེད་ཉི༵་མ༵་འདྲ་བའི་དམ་པར་བཀུར༷།།[02:43.199][02:44.387]ཀུན་རྟོག་མ་སྤངས་ཆོས་ཀྱི་དབྱིངས་སུ་གྲོལ།།[02:54.294]སྙིང་པོ་ཐུགས་ཀྱི་བཙན་ས་ཟིན་པ་ཡི།།[03:04.821]མར་སྟོན་རྒྱལ་བའི་ཉམས་ལེན་སྲོག་གི་གནད།།[03:13.857]ཡང་ཡང་སྤེལ་མཛད་རི༵ན་པོ༵་ཆེ༵་དེར་བསྔགས༷།།[03:23.339][03:44.035]སྐུ་ཡི་མཛད་པ་སྐུ་གསུམ་རོ་མཉམ་ཞིང་།།[03:54.438]གསུང་གི་མཛད་པ་སྣང་སྲིད་ཀུན་ལ་ཁྱབ།།[04:04.174]ཐུགས་ཀྱི་མཛད་པ་ཡེ་སྟོང་ལྷུན་གྲུབ་ངང་།།[04:13.684]ཡོན་ཏན་ཕྲིན་ལས་འབད་མེད་ལྷུན་འགྲུབ་ཤོག།[04:24.330]ཡོན་ཏན་ཕྲིན་ལས་འབད་མེད་ལྷུན་འགྲུབ་ཤོག།
展开